ལོ་གཉིས་ཀྱི་ཡར་སྔོན་དུ་ངས་སོར་གདུབ་རྒྱལ་བོ་ཁག་གསུམ་པོ་དེ་ལ་ཐེངས་གཅིག་བལྟས་མྱོང། ད་ཐེངས་ཡངཉིན་འགའི་རིང་གི་དུས་ཚོད་བརྒྱད་དགུ་ཙམ་སྤྱད་དེ་སོར་གདུབ་རྒྱལ་བོ་ཁག་གསུམ་པོར་ཡང་བསྐྱར་ཐེངས་གཅིག་བལྟས་པ་ཡིན། ང་ཚོའི་གཞིས་ཁྱིམ་གྱི་རྒན་པ་མང་ཆེ་ཤོས་དང་ཤེས་ཡོན་པ་མང་ཆེ་ཤོས་ཀྱིས་གློག་བརྙན་ལྟ་བ་ནི་དུས་ཚོད་གཏོང་བ་ཡིན་པར་སྙོམ་གྱིན་ཡོད་མོད། ཡིན་ཡང། ངས་བསམ་ན་དེ་ནི་ཁོ་བོ་ཅག་གིས་གློག་བརྙན་གྱི་ཡང་སྙིང་དང་རིན་ཐང་མ་ཤེས་པས་ཡིན་འདོད། རང་ལ་མཚོན་ན་གློག་བརྙན་ལ་ལྟ་བ་ནི་དགའ་ཕྱོགས་ཆེན་པོ་ཞིག་ཏུ་ཆགས་ཡོད་ཅིང། གློག་བརྙན་ཡག་པོ་འགས་ང་ལ་དཔེ་ཀློག་ལས་ཀྱང་ལྷག་པའི་གདམས་པ་དང་། མི་ཚེའི་ཁ་ཕྱོགས་སོགས་ཅི་རིགས་སྟོན་མྱོང། རང་ཉིད་བསམ་རྒྱ་མ་ཆེ་བ་དང་ཐོས་རྒྱ་ཞན་པས་སྟབས་ཀྱིས་གློག་བརྙན་འདིའི་མཚན་ཉིད་ཀྱི་ལྟ་བའི་འཁྱེར་སོ་དང། མི་ཚེའི་རིན་ཐང་གི་ལྟ་བ་སོགས་གློག་བརྙན་འདིའི་བརྗོད་དོན་མང་པོ་ཞིག་གི་དོན་ལེགས་པར་རྟོགས་མ་ནུས་མོད། དེ་ཡིན་ཡང། རང་གི་བློ་དང་མཐུན་པའི་གདམས་པ་འགའ་གནང་བྱུང།
"མི་ཞིག་ལ་ཆེས་དགོས་པ་ནི་མིང་གྲགས་དང་དབང་ཐང། རྒྱུ་ནོར་གང་ཡང་མིན་པར་དད་མོས་ཏེ། དེ་ཡང་ཆོས་ལུགས་དང། ཡུལ་སྲོལ་གོམས་གཤིས་ག་གེ་མོ་ཅི་རིགས་ཀྱིས་བསྡུས་པའི་ནང་སེམས་ཀྱི་གཞི་རྟེན་ཞིག་གོ། "འདི་དང། "མི་རླབས་ཆེན་ཞིག་ཡིན་ན་ཁོག་རྒྱ་དང་ལྟ་རྒྱ་ཆེ་དགོས་ཏེ། རང་འདུན་ཆེ་དྲགས་པ་དང་ཁ་ཁོག་དོགས་དྲགས་ན་སྐྱེ་བོ་དེས་དོན་ཆེན་ཞིག་བསྒྲུབ་མི་ནུས་པ་ཐག་གིས་ཆོད།" དེ་ཡང་གློག་བརྙན་འདིའི་དགོངས་ཕྱོགས་གཙོ་བོ་ཞིག་ཡིན་སྙམ།


指环王3:王者无敌The Lord of the Rings: The Return of the King(2003)

又名:魔戒三部曲:王者再临(台/港) / 指环王III:王者无敌 / 魔戒3:王者归来 / 指环王3:国王归来 / 指环王3:皇上回宫(豆友译名)

上映日期:2004-03-12(中国大陆) / 2021-05-14(中国大陆重映) / 2003-12-17(美国)片长:201分钟

主演:伊利亚·伍德 西恩·奥斯汀 维果·莫腾森 奥兰多·布鲁姆  

导演:彼得·杰克逊 编剧:弗兰·威尔士 Fran Walsh/Philippa Boyens/彼得·杰克逊 Peter Jackson/托尔金 J.R.R. Tolkien

指环王3:王者无敌的影评

ZoHar
ZoHar • 有感